རྒྱུད་སྨད་གྲྭ་ཚང་དུ་ཚེ་དབང་སྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་གི་རྫོང་ཆོས་དང་རྒྱུད་སྨད་གྲྭ་ཚང་གཉིས་ནང་གི་ཆོས་འབྲེལ་མཛད་འཆར་ལེགས་གྲུབ་རྗེས་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་ཐོན་མཛད་པ།

༸གོང་ས་མཆོག་ནས་ཧོན་སུར་རབ་རྒྱས་གླིང་ནང་གི་ཆོས་འབྲེལ་མཛད་འཆར་ལེགས་གྲུབ་རྗེས་མོན་གྷོ་འདོད་རྒུ་གླིང་དུ་ཆིབས་ཐོན་མཛད་པ། པདྨ་དངོས་གྲུབ།

༄༅༎ཕྱི་ཟླ་༧ཚེས་༡༦རེས་གཟའ་མིག་དམར་གྱི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་དང་ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་གི་ཆོས་འབྲེལ་མཛད་འཆར་ཁག་གི་ཉིན་མཐའ་མའི་ཐོག་ཧོན་སུར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་དད་ལྡན་ཆོས་ཞུ་བར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་དབང་དང་དེ་བཞིན་བླང་དོར་གྱི་བཀའ་སློབ་སྩལ་རྗེས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་ཐོན་མཛད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org