བོད་མིའི་འདུ་འཛོམས་ཆེན་མོའི་ལས་འགུལ།
༸གོང་༸སྐྱབས་མགོན་ཆེན་པོ་མཆོག་ནས་གྲོང་ཁྱེར་སིཌ་ནི་རུ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་བསྟོད་པ་རིན་ཆེན་སྒྲོན་མེའི་བཀའ་ཆོས་སྩལ་བ་བོད་མིའི་འདུ་འཛོམས་ཆེན་མོའི་ལས་འགུལ་གྱི་གནས་ཚུལ།
-
2013-06-16 -
-
-
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་དྲུག་པའི་ཚེས་༡༤ ནས་༡༦ བར་Australiaའི་གྲོང་ཁྱེར་Sydneyནང་ཉིན་གཉིས་དང་ཕྱེད་ཀའི་རིང་ལ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་གི་མཛད་པའི་བྱང་ཆུབ་སེམས་བསྐྱེད་བསྟོད་པ་རིན་ཆེན་སྒྲོན་མེ་བཀའ་ཆོས་སྩལ་གནང་བ་དང། དེ་ནས་ཕྱི་ཚེས་༡༦ ཉིན་དགུང་རྒྱབ་ཀྱི་ཉིན་ཕྱེད་ཀར་མི་དམངས་ལ་ཉིན་རེའི་འཚོ་བའི་ནང་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་སྟངས་སྐོར་ལ་བཀའ་སློབ་སྩལ་གནང་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་དྲུག་པའི་ཚེས་༩ནས་News Zealand ནང་དུ་ཆོས་འབྲེལ་དབུ་འཛུགས་མཛད་པ་ལེགས་པར་གྲུབ་ཏེ་Australiaར་༸ཞབས་སོར་འཁོད་པ་ལྟར་ཕྱི་ཚེས་༡༤ནས་༡༦ བར་གྱི་Australiaའི་གྲོང་ཁྱེར་Sydney ནང་གི་ཆོས་འབྲེལ་ཁག་གྲུབ་བསྟུན་ཕྱི་ཚེས་༡༨ ནས་༡༩ བར་Australiaའི་གྲོང་ཁྱེར་Melbourne དུ་མི་དམངས་ལ་བྱམས་བརྕེའི་འདུ་ཤེས་འཕེལ་ཐབས་སྐོར་བཀའ་སློབ་སྩལ་རྒྱུ་དང། བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་སྩལ་གནང་རྒྱུ་ཡིན་ཞིང། དེ་རྗེས་ཕྱི་ཚེས་༢༡ ཉིན་Australiaའི་ས་གནས་Adelaide ནང་མི་དམངས་ལ་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་སྐོར་བཀའ་སློབ་སྩལ་རྒྱུ་དང། སྤྱི་ཚེས་༢༣ ཉིན་ས་གནས་Darwin དུ་སྔ་དྲོ་བདེན་པ་བཞིའི་བཀའ་ཆོས་སྩལ་རྒྱུ་ཡིན་འདུག།