འཛམ་གླིང་ནང་༧གོང་ས་མཆོག་གི་དགོངས་གཞི་དང་བསླབ་བྱ་རྣམས་ཆེས་དགོས་མཁོ་ཅན་དུ་གྱུར་ཡོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་དབུ་ཁྲིད་སྐྱེས་ཆེན་གཞན་སུ་ཞིག་དང་མི་འདྲ་བའི་སྙིང་རྗེའི་རང་གཟུགས་ཅན་ཞིག་ཡིན།

༸གོང་ས་མཆོག་གི་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་དགོངས་གཞི།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་ཡོངས་ལ་སྙིང་རྗེའི་གཟིགས་བབ་འཛིན་པ་ནི་མི་རིགས་དང་རྒྱལ་ཁབ།  ཆོས་ལུགས་སོགས་ཀྱི་རྒྱ་ལས་འདས་པ་ཡིན་པ་དང་།  འཛམ་གླིང་ནང་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་དགོངས་ཡངས་བའི་དགོངས་གཞི་དང་བསླབ་བྱ་རྣམས་ཆེས་དགོས་མཁོ་ཅན་དུ་གྱུར་བ་ངོས་འཛིན་ཞུ་གི་ཡོད་ལ།  རྩོམ་པ་པོ་གྲགས་ཅན་ པི་ཀོ་ ཨཡེར་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་དབུ་ཁྲིད་སྐྱེས་ཆེན་གཞན་སུ་ཞིག་དང་མི་འདྲ་བའི་སྙིང་རྗེའི་རང་གཟུགས་ལ་འགྲེལ་བརྗོད་ཞུ་གི་ཡོད་པ་རེད།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་ཞུ་གི་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org