ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་བཀའ་ཆོས།
དེ་རིང་ཕྱི་ཚེས་༩ཉིན་༸གོང་ས་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་དད་ལྡན་ཆོས་ཞུ་བ་༥༠༠༠བརྒལ་བར་ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་ནང་ཆོས་ངོ་སྤྲོད་བསྩལ་གནང་མཛད་ཡོད་པ།
-
2013-03-09 -
-
-
༸གོང་ས་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་སངས་རྒྱས་བཅོམ་ལྡན་འདས་གྱི་སྐྱེས་མོས་ཚལ་ཞེས་པའི་སྤྱི་གླིང་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་སྕོལ་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསོད་ནམས་དབང་འདུས།
Your browser doesn’t support HTML5 audio
༄༅༎ བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེ་རིང་ཕྱི་ཟླ་ ༣ ཚེས་ ༩ ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐྱེས་མོས་ཚལ་ཞེས་པའི་སྤྱི་གླིང་དེའི་ནང་དུ། ཕྱི་ནང་དད་ལྡན་ཆོས་ཞུ་བ་༥༠༠༠ལྷག་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་སྒོ་ནས་ནང་ཆོས་ངོ་སྤྲོད་ཀྱི་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་ཡོད་པའི་སྐོར། འདི་གའི་གསར ་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎