༸གོང་ས་མཆོག་གི་ཨེཊ་ལེན་ཊའི་མཛད་རིམ།

ཨ་མེ་རི་ཀའི་ལྷོ་ཤར་མངའ་སྡེ་ཇོར་ཇི་ཡའི་རྒྱལ་ས་ཨེཊ་ལེན་ཊའི་ནང་མང་ཚོགས་ལ་བཀའ་སློབ་གནང་རྒྱུའི་མཛད་འཆར་ངོ་སྤྲོད།

༸གོང་ས་མཆོག་གི་ཨེཊ་ལེན་ཊའི་མཛད་རིམ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། པ་སངས་དོན་ལྡན།

༄༅༎ཕྱི་ཟླ་༡༠ཚེས་༨རེས་གཟའ་མིག་དམར་གྱི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་མེ་རི་ཀའི་ལྷོ་ཤར་མངའ་སྡེ་ཇོར་ཇི་ཡའི་རྒྱལ་ས་ཨེཊ་ལེན་ཊའི་ནང་མང་ཚོགས་ལ་དུས་རབས་ཉེར་གཅིག་པའི་གོ་ལའི་སྤྱི་ཚོགས་འདིའི་ནང་མི་སེར་གྱི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩལ་རྒྱུ་དང༌། ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་ཤེས་ཡོན་སློབ་གསོའི་ནང་ཡ་རབས་སྤྱོད་བཟང་ཞེས་པའི་བརྗོད་གཞིའི་ཐོག་མཁས་པའི་བགྲོ་གླེང་ཞིག་གནང་རྒྱུ་ཡིན་པའི་སྐོར་བློ་བཟང་ཤེས་རབ་ལགས་དང་ཆེད་གཏོང་གསར་འགོད་པ་སྐལ་ལྡན་བློ་གྲོས་ལགས་དབར་གླེང་མོལ་གནང་བར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org