༸གོང་ས་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་པ།
སྤྱི་ནོར་༸གོང་ས་༸སྐྱབས་མཆོན་ཆེན་པོ་མཆོག་ཕྱི་ཟླ་ལྔ་པའི་ཚེས་༩ ནས་༡༣ བར་ཉི་ཧོང་གི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་Osaka འི་ནང་གི་ཆོས་འབྲེལ་ཁག་ལེགས་པར་གྲུབ་ཏེ་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད་།
-
2016-05-15 -
-
-
༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མཆོན་ཆེན་པོ་མཆོག་ད་རེས་ཕྱི་ཟླ་ལྔ་པའི་ཚེས་༩ ནས་༡༣ བར་ཉི་ཧོང་གི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་Osaka འི་ནང་གི་ཆོས་འབྲེལ་ཁག་ལེགས་གྲུབ་ཏེ་ཕྱི་ཟླ་ལྔ་པའི་ཚེས་༡༥ ཉིན་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད་།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ལ་གནས་ཚུལསྤེལ་བའི་ནང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་དེ་རིང་བཞུགས་སྒར་གྱི་ཉེ་འདབས་སུ་ཡོད་པའི་Gaggal གནམ་ཐང་དུ་ཞབས་སོར་འཁོད་སྐབས་།དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་གཞོན་པ་། དེ་མིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་དཔོན་རིགས་རྣམས་ཕེབས་བསུར་བཅར་ཡོད་པ་དང་། དེ་ནས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱང་བའི་ཕེབས་ལམ་དུ་བོད་མི་དང་དད་ལྡན་མི་དམངས་ཀྱིས་ལག་ཏུ་མཇལ་དར་དང་བདུག་སྤོས་སོགས་བསྣམས་ཏེ་ཕེབས་བསུ་ཞུས་ཡོད་པ་རེད་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉི་ཧོང་དང་ཐེ་ཝན། སོག་པོ། Singapore, Korea, རྒྱ་ནག་སོགས་ཀྱི་དད་ལྡན་མི་དམངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཕྱི་ཟླ་ལྔ་པའི་ཚེས་༩ ནས་༡༣ བར་Osaka དུ་ཆིབས་བསྒྱུར་བསྐྱང་གནང་བའི་རིང་། ཉིན་བཞིའི་རིང་ལ་གྲོང་ཁྱེར་Osaka ཡི་རྒྱལ་སྤྱིའི་ཚོགས་ཁང་ཆེན་མོའི་ནང་དད་ལྡན་མང་ཚོགས་༢༧༠༠ ཙམ་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་སྩལ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་ཉིན་མཐའ་མའི་ཆོས་འབྲེལ་སྐབས་ཐོག་མར་སེར་མོ་བ་རྣམས་ལ་བྱམས་སེམས་ཀྱི་སྡོམ་པ་དང།མི་སྐྱ་རྣམས་ལ་དགེ་བསྙེན་སྡོམ་པ།ཆོས་ཞུས་བ་ཡོངས་ལ་སྤྱན་རས་གཟིགས་ཀྱི་རྗེས་སྣང་སྕལ་བ་མ་ཟད། རབ་བྱུང་བ་རྣམས་ཀྱིས་འདུལ་ཁྲིམས་རྣམ་དག་སྲུང་དགོས་པ་དང་། ལྷག་པར་དུ་འགྲོ་བ་མིར་ལྡན་པའི་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་ཤེས་རབ་དེ་ཞེ་སྡང་དང་ང་རྒྱལ། ཕྲག་དོག་སོགས་གཞན་དབང་དུ་མི་སོང་བ་བྱས་ནས་།བསམ་བློ་ཞི་བདེ་ལྡན་པའི་ཐོག་ནས་རང་གི་རྣམ་དཔྱོད་ཀྱི་ཤེས་རབ་ཅིས་ཕྱིན་པ་ཞིག་བཀོལ་སྤྱོད་ཐུབ་པ་བྱ་དགོས་པ་དང་། དེ་ཡང་རྒྱུ་མཚན་ལ་བརྟེན་ནས་དཔྱད་པ་བྱེད་དགོས་པའི་སྐོར་སོགས་བཀའ་སློབ་སྩལ་བའི་རྗེས་ཉིན་མཐའ་མའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་སྩལ་གནང་ཡོད་པ་རེད་།།