རྡོ་རྗེ་གདན་ཆོས་འབྲེལ་སྐབས་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་དད་ལྡན་པ་སྟོང་ཚོ་མང་པོ་ཆེད་བཅར་ཞུས་འདུག

ལ་དྭགས་ཀྱི་སེམས་བསྐྱེད་ཤེས་ཡོན་རིག་གཞུང་ཚོགས་པའི་ངོས་ནས་བླ་སྤྲུལ་སོགས་པའི་མཁས་པ་རྣམས་གདན་ཞུས་ཀྱིས་༧གོང་ས་མཆོག་གིས་སྔ་དྲོ་གསུང་ཆོས་རྩལ་གནང་ཁག་མང་ཚོགས་ལ་འགྲེལ་བཤད་ཞུ་རྒྱུའི་གོ་སྒྲིག

དགའ་ལྡན་ཕོ་བྲང་།

ཐེངས་འདིའི་ཧི་མ་ལ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ལ་གསུང་ཆོས་བཀྲིན་ཆེ་གནང་མཛད་སྐབསརྒྱ་གར་བྱང་ཤར་ཨ་རུ་ཎཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དབུས་པའི་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་དད་ལྡན་པ་སྟོང་ཚོ་མང་པོ་ཆེད་བཅར་ཞུས་པ་དང་ལ་དྭགས་ཀྱི་སེམས་བསྐྱེད་ཤེས་ཡོན་རིག་གཞུང་ཚོགས་པའི་ངོས་ནས་བླ་སྤྲུལ་སོགས་པའི་མཁས་པ་རྣམས་གདན་ཞུས་ཀྱིས་མང་ཚོགས་ལ་༧གོང་ས་མཆོག་སྔ་དྲོ་གསུང་ཆོས་རྩལ་གནང་ཁག་མང་ཚོགས་ལ་འགྲེལ་བཤད་ཞུ་རྒྱུའི་ཆོས་འབྲེལ་གོ་སྒྲིག་ཞུས་པ་སོགས་དང་འབྲེལ་ཡོད་སྐོར་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org