བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད།

༸གོང་ས་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གཙོ་བོར་འགྱུར་བའི་ས་ཁུལ་ཁག་ཅིག་གི་མཛད་འཕྲིན་གྲུབ་ནས་ཕྱི་ཚེས་༡༦ཉིན་བཞུགས་སྒར་དུ་ཞབས་སོར་འཁོད་འདུག

༸གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་སྐབས་མི་མང་ནས་ཕེབས་བསུ་ཞུ་བཞིན་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། འཇིགས་མེད་སྙན་གྲགས།

༄༅།    །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་གཙོ་བོར་འགྱུར་བའི་ས་ཁུལ་ཁག་ཅིག་གི་ནང་ཆིབས་བསྒྱུར་དང་འབྲེལ།    མང་ཚོགས་ལ་བཀའ་སློབ་དང་།    དད་ལྡན་པ་ཚོར་ཆོས་འབྲེལ་བསྩལ་བ་སོགས་ཀྱི་མཛད་འཕྲིན་གྲུབ་ནས་དེ་རིང་ཕྱི་ཚེས་༡༦ཉིན་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་འཁོད་འདུག དེའི་སྐོར་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་ང་ཚོའི་ས་གནས་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་གནང་།།

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org