༧གོང་ས་མཆོག་ནས་བྱམས་སྙིང་རྗེ་ཐོག་བཀའ་སློབ་གསུང་བཤད་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནུབ་ཕྱོགས་ལོསི་ཨེན་ཇེ་ལིསི་ཡི་གྲོང་ཁྱེར་དུ་མི་མང་ཆིག་ཁྲི་བརྒྱད་སྟོང་ཙམ་ལ་བྱམས་དང་སྙིང་རྗེ་ཐོག་བཀའ་སློབ་བསྩལ་བ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནུབ་ཕྱོགས་ལོསི་ཨེན་ཇེ་ལིསི་ཡི་གྲོང་ཁྱེར་དུ་ཧོན་ཌ་སེན་ཊར་ཞེས་པའི་ཚོགས་ནང་དུ་བྱམས་དང་སྙིང་རྗེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་བ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། རྡོ་རྗེ་དགྲ་འདུལ།

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནུབ་ཕྱོགས་ལོསི་ཨེན་ཇེ་ལིསི་ཡི་གྲོང་ཁྱེར་ནང་ཡོད་པའི་ ཧོན་ཌ་སེན་ཊར་ཞེས་པའི་ཚོགས་ནང་དུ་དད་ལྡན་མི་མང་ཆིག་ཁྲི་བརྒྱད་སྟོང་ཙམ་ལ་བྱམས་དང་སྙིང་རྗེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎


༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ནང་ཤིན་ཏུ་དཀོན་པའི་དབུ་ཁྲིད་ཅིག་རེད་ཅེས་ཨ་རིའི་སྤྱི་དམངས་ཐོབ་ཐང་བརྩོད་ལེན་པ་དང་། ཨ་རིའི་ ཧོ་ལིས་འུ་གྲིའི་གློག་བརྙན་གྱི་ཨོ་སི་ཀར་གཟེངས་རྟགས་ཐོབ་མྱོང་མཁན་མི་རིགས་ནག་པོའི་གློག་བརྙན་ཁྲབ་བསྟོན་པ་Forest Whitaker་ལགས་ཀྱིས་གསུངས་ཡོད་པའི་སྐོར།  ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

ཀ་ལིའི་ཕོ་ནའི་གཙུག་ལག་སློབ་གྲ་ཆེན་མོའི་སློབ་དཔོན་ངག་དབང་ཕུན་ཚོགས་ལགས་སུ། འདི་གའི་ཆེད་གཏོང་གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས། ༧གོང་ས་མཆོག་གི་ཨ་རིའི་གཙུག་ལག་སློབ་གྲ་ཁག་ནང་གི་ད་ལྟ་མཛད་འཕྲིན་སྐྱོང་བཞིན་པའི་གལ་གནད་རང་བཞིན་གྱི་སྐོར་བཀའ་འདྲི་ཞུས་པ་ཞིག་གསན་རོགས་ཞུ༎


གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org