ཨིང་ལེནྜ་དང་ཨ་རི་ནང་གི་མཛད་འཕྲིན་ཆེད་བཞུཊ་སྒར་ནས་ཆིབས་ཐོན་གནང་བ།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་༢༦ཉིན་ཨེང་ལེནྜ་དང་ཨ་རི་ནང་འཁྲུངས་སྐར་སྲུང་བརྩི་སོགས་གལ་ཆེའི་མཛད་འཕྲིན་ཁག་གི་ཆེད་དུ་བཞུགས་སྒར་ནས་ཆིབས་ཐོན་གནང་ཡོད་པ།
-
2015-06-26 -
-
-
༢༠༡༥།༦།༢༦།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ནས་ཆིབས་ཐོན་གནང་བཞིན་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཞུགས་སྒར་དུ་ཆོས་ཚོགས་ཐེངས་༡༢པ་དང་། སྐུའི་གྱ་སྟོན་སྲུང་བརྩི། དེ་བཞིན་དགེ་ལུགས་རྒྱལ་ཡོངས་ཚོགས་ཆེན་སོགས་ལ་ཆེད་ཕེབས་ཀྱིས་མཛད་འཕྲིན་ཁག་ལེགས་པར་གྲུབ་མཚམས་དེ་རིང་ཕྱི་ཚེས་༢༦ཉིན་ཨེང་ལེནྜ་དང་ཨ་རི་ནང་འཁྲུངས་སྐར་སྲུང་བརྩི་སོགས་གལ་ཆེའི་མཛད་འཕྲིན་ཁག་གི་ཆེད་དུ་བཞུགས་སྒར་ནས་ཆིབས་ཐོན་གནང་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་བསྟན་འཛིན་དབང་རྒྱལ།