ཆོས་ཀྱི་སྙིང་པོ་ནི་མི་བཟང་པོ་དང་མི་ཡ་རབས་དགོས་རྒྱུ།

༧གོང་ས་མཆོག་གིས་ཆོས་ལུགས་ཚང་མའི་བསླབ་བྱའི་སྙིང་པོ་ནི་མི་བཟང་པོ་དང་མི་ཡ་རབས་དགོས་རྒྱུ་འདི་ཡིན་པའི་བཀའ་སློབ་བསྩལ་གནང་མཛད་ཡོད་པ།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དྲ་ལམ་བརྒྱུད་ལག་ལེན་སོ་བདུན་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བསྩལ་གནང་ཡོད་པ། དགའ་ལྡན་ཕོ་བྲང་།


དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དྲ་ལམ་བརྒྱུད་ལག་ལེན་སོ་བདུན་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་བསྩལ་གནང་ཡོད་ཅིང་།    ཉིན་གསུམ་པའི་གསུང་ཆོས་སྐབས་ཆོས་ལུགས་ཚང་མའི་བསླབ་བྱའི་སྙིང་པོ་ནི་མི་བཟང་པོ་དང་མི་ཡ་རབས་དགོས་རྒྱུ་འདི་ཡིན་པ་དང་།    སེམས་ཀྱི་ཞི་བདེ་ཚོང་ཁང་ནས་ཉོ་རྒྱུ་མེད་པར་སེམས་ལ་བཟོ་བཅོས་དགོས་པ་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་ཡོད་པའི་ཞིབ་ཕྲའི་གནས་ཚུལ་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org