ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝཀ་ལཝ་ཧ་ཝེལ་མཆོག་དགོངས་པ་རྫོགས་ནས་ལོ་བཅུ་འཁོར་བ།

༧གོང་ས་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་ ཧ་ཝེལ་མཆོག་གི་མཛད་རྗེས་མཇུག་སྐྱོང་གི་ལམ་ནས་དྲན་གསོ་ཞུས་གནང་དགོས་པ་བཀའ་གནང་ཡོད་པ།

༢༠༠༨ལོར༸གོང་ས་མཆོག་དང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིིན་ཟུར་པ་ཧྰ་བལ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་Prague་ནང་མཇལ་འཕྲད་གནང་སྐབས་ཀྱི་སྐུ་པར། ཨེ་ཨེཕ་པི།

ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་མོ་འདི་ནི་ཤར་ཡུ་རོབ་ཀྱི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་པོ་ཝཀ་ལཝ་ཧ་ཝེལ་མཆོག་དགོངས་པ་རྫོགས་ནས་ལོ་ངོ་བཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཡིན་པར་བརྟེན་དམ་པ་ཁོང་གི་སྐུ་ཚེའི་མཛད་རྗེས་དང་འབྲེལ་ཡུལ་དེའི་བརྙན་འཕྲིན་ལས་ཁང་ཞིག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་ཚུལ་བཀའ་འདྲི་ཞུས་པའི་བརྙན་ཐུང་ཞིག་སྤྱི་ཚེས་༡༧ཉིན་འགྲེམས་སྤེལ་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org