བདེན་བཞི་དང་བདེན་གཉིས།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་ནང་པ་ཚོར་བཀའ་ཆོས་སྩོལ་སྐབས་ཐོས་བསམ་སྒོམ་གསུམ་ལ་དོ་སྣང་དགོས་པ་བཀའ་བསྩལ་གནང་མཛད་ཡོད་པ།
- 2021-04-08
-
-
-
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་ཨི་ཊ་ལིའི་ནང་པ་ཚོར་བདེན་པ་བཞི་དང་བདེན་གཉིས་སྐོར་ལ་གསུང་ཆོས་བསྩལ་གནང་མཛད་ཡོད་པ།
དགའ་ལྡན་ཕོ་བྲང་།
Your browser doesn’t support HTML5 audio
ད་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད་ཨི་ཊ་ལིའི་ནང་པ་ཚོར་འཕགས་པའི་བདེན་པ་བཞི་དང་བདེན་གཉིས་སྐོར་ལ་གསུང་ཆོས་དང་སེམས་བསྐྱེད་སོགས་གནང་སྐབས་ནང་ཆོས་སློབ་གཉེར་ཐད་ཐོས་བསམ་སྒོམ་གསུམ་ལ་དོ་སྣང་དགོས་པ་དང་བྱང་ཆུབ་ཀྱི་སེམས་ཀྱི་གལ་འགངས་སོགས་གནས་ལུགས་ངོ་སྤྲོད་གནང་པའི་ཐོག་ནས་ཞིབ་ཕྲ་བཀའ་གནང་བའི་སྐོར་སྒྲོལ་དཀར་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།