ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་རྣམས་སེམས་པ་བཟང་པོ་བྱུང་ན་དེ་ཡིས་བོད་བསྟན་སྲིད་ལ་ཕན་ཐོག་རྒྱུ།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་སྐབས་བཀའ་སྩལ་བ།

དགའ་ལྡན་ཕོ་བྲང་ཡིག་ཚང་།

༄༅།།ཐེངས་འདིའི་ཧི་མ་ལ་ཡའི་མི་རིགས་དང་རིག་གཞུང་ཞེས་པའི་ལེ་ཚན་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དགས་ཀྱི་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་ར་བའི་ནང་ཕྱི་ཟླ་༧་ཚེས་༢༨་ཉིན་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་སྐབས་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་མང་རྣམས་སེམས་པ་བཟང་པོ་བྱུང་ན་དེ་ཡིས་བོད་བསྟན་སྲིད་ལ་ཕན་ཐོག་རྒྱུ་ཡིན་སྐོར་སོགས་བཀའ་སློབ་སྩལ་གནང་མཛད་པ་ཁག་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པ་ཞིགགསན་རོགས་གནང།།
གསར་འགོད་པ། སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org