བོད་མི་ནང་ཁུལ་མཐུན་ལམ་དགོས།

ཆོས་ཞུ་བ་ཚོར་སྤྱི་ཚོགས་ནང་འགན་འཁུར་ཐུབ་པ་ཞིག་དགོས་པ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ནང་ཁུལ་མཐུན་ལམ་དགོས་པའི་བཀའ་སློབ་གནང་འདུག

༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་ཕུལ་ཞུས་པའི་སྐབས། དགའ་ལྡན་ཕོ་བྲང་།

༄༅།    །དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡོངས་རྫོགས་གྲུབ་པའི་རྗེས་ཆོས་ཞུ་བ་ཚོར་ཚང་མས་སྤྱི་ཚོགས་ནང་འགན་འཁུར་ཐུབ་པ་ཞིག་དགོས་པ་དང་།    བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ནང་ཁུལ་མཐུན་ལམ་དགོས་པ་སོགས་ཀྱི་བཀའ་སློབ་གནང་བ་ཁག་ཞིབ་ཕྲ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org