ནིའུ་ཡོག་ཏུ་བརྟན་བཞུགས་ཆེད་ཚེ་སྒྲུབ་ཀྱི་ཞབས་རིམ་གནང་བཞིན་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་གྲུབ་པའི་མཚམས་འདིར་བྱང་ཨ་རིའི་བོད་མི་ཚོས་ཚེས་༢༢ཉིན་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་གྲུབ་པའི་མཚམས་འདིར་བྱང་ཨ་རིའི་བོད་མི་ཚོས་ཚེས་༢༢ཉིན་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པས།   ནིའུ་ཡོག་ས་གནས་སུ་བརྟན་བཞུགས་ཀྱི་སྔོན་འགྲོའི་ཚེ་སྒྲུབ་ཀྱི་ཞབས་རིམ་གནང་བཞིན་ཡོད་པ་དང་།   དེ་བཞིན་བརྟན་བཞུགས་དང་འབྲེལ་བའི་གྲ་སྒྲིག་ལས་དོན་སོགས་ཀྱི་སྐོར་ལ་ཆེད་གཉེར་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ཕྱོགས་སྒྲིག་གནང་བའི་གནས་ཚུལ་ལ་གསན་རོགས་གནང་།

གསར་འགོད་པ། སྒྲོལ་དཀར།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org