སྐྱོན་གློ་བུར་བ་འདི་སྤངས་ཐུབ་རྒྱུ་ཡོད་པ།

༸གོང་ས་མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་ཆོས་འབྲེལ་སྐབས། ང་ཚོའི་ལུས་ཐོག་ཏུ་ཡོད་པའི་སྐྱོན་གློ་བུར་བ་འདི་བློ་སྦྱངས་པའི་ཐོག་ནས་སྤངས་ཐུབ་རྒྱུ་ཡོད་པ་ཞིག་ཡིན་པའི་བཀའ་སློབ་གནང་འདུག

ཚེས་༢༩ཉིན་གསུང་ཆོས་གནང་སྐབས། དགའ་ལྡན་ཕོ་བྲང་།

ད་རིང་གི་གཏམ་གླེང་ལེ་ཚན་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་དབྱིངས་བསྟོད་པའི་བཤད་ལུང་གནང་ཡོད་པ་དང་།   ང་ཚོའི་ལུས་ཐོག་ཏུ་ཡོད་པའི་སྐྱོན་གློ་བུར་བ་འདི་བློ་སྦྱངས་པའི་ཐོག་ནས་སྤངས་ཐུབ་རྒྱུ་ཡོད་པ་ཞིག་ཡིན་པ་དང་།   བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གང་ཐུབ་ཀྱིས་ཉམས་ལེན་ཡོང་བ་སོགས་བཀའ་སློབ་གནང་པའི་སྐོར་དང་།   དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་མང་པོ་འདུ་འཛོམས་ཁྲོད་ཀྱི་འབྲེལ་ཡོད་གནས་ཚུལ་ཁག་ཅིག་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་། 

གསར་འགོད་པ། སྒྲོལ་དཀར།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org