སེམས་ལ་ཞི་བདེ་ཡོད་ན་འཛམ་གླིང་ཞི་བདེ་ཡོང་རྒྱུ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་སྙིང་རྗེའི་ཐོག་ནས་སེམས་ལ་ཞི་བདེ་ཡོང་རྒྱུ་དང་། སེམས་ལ་ཞི་བདེ་ཡོད་ན་འཛམ་གླིང་ཞི་བདེ་ཡོང་རྒྱུ་ཡིན་པ་བཀའ་གནང་འདུག

ཚེས་༢༤ཉིན་བཞུགས་སྒར་དུ་གསུང་ཆོས་སྐབས། དགའ་ལྡན་ཕོ་བྲང་ཡིག་ཚང་།

ད་རིང་གི་གཏམ་གླེང་ལེ་ཚན་ནང་ཆོ་འཕྲུལ་དུས་ཆེན་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་མོ་མཆོག་ནས་བཞུགས་སྒར་རྡ་རམ་སའི་གཙུག་ལག་ཁང་དུ་གསུང་ཆོས་གནང་ཡོད་པ་དང་།   སྐབས་དེ་དུས་བྱམས་སྙིང་རྗེའི་ཐོག་ནས་སེམས་ལ་ཞི་བདེ་ཡོང་རྒྱུ་དང་།   སེམས་ལ་ཞི་བདེ་ཡོད་ན་འཛམ་གླིང་ཞི་བདེ་ཡོང་རྒྱུ་ཡིན་པ་སོགས་ཀྱི་གནས་ལུགས་ངོ་སྤྲོད་གནང་ཡོད་ལ།   སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་ཀྱི་བཀའ་སློབ་སོགས་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། སྒྲོལ་དཀར།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org