༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་དང་གཞོན་སྐྱེས་ཀྱི་ལྟ་ཚུལ།

བཙན་བྱོལ་བོད་མིའི་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ནང་བོད་མི་གཞོན་སྐྱེས་ཀྱི་ལྟ་ཚུལ་ཇི་ཡོད།

༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུ་དང་གཞོན་སྐྱེས་ཀྱི་ལྟ་ཚུལ། མཐུན་འགྱུར་པར་རིས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བཙན་བྱོལ་བོད་མི་རྣམས་ནས་ ༢༠༢༡ ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་ནང་མཉམ་ཞུགས་ཡག་པོ་ཡོང་ཆེད་སྔོན་འགྲོའི་གོ་རྟོགས་ཀྱི་དྲིལ་བསྒྲགས་དང་།  བགྲོ་གླེང་།  འོས་མི་རྣམས་ཀྱིས་རང་རང་གི་འཆར་སྣང་མང་ཚོགས་ལ་ངོ་སྤྲོད་གནང་བཞིན་པའི་མང་གཙོའི་འགྲོ་ལུགས་འདིའི་ཁྲོད་མང་ཚོགས་སྤྱི་དང་།  ལྷག་པར་བོད་མིའི་གཞོན་སྐྱེས་འགོ་ཁྲིད་ཀྱི་ལྟ་ཚུལ་ཇི་ཡོད་བགྲོ་གླེང་ཞུ་སླད།  ཨ་རིའི་མི་ནི་སོ་ཊ་མངའ་ཁུལ་ནས་བསྟན་འཛིན་ཆོས་བཟང་ལགས་དང་།  རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནས་དཀོན་མཆོག་རིན་ཆེན་ལགས།   རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་གྲོང་ཁྱེར་ནས་ལྷ་རོང་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བགྲོ་གླེང་ཞུས་པ་ཞིག་གསན་རོགས་ཞུ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org