ཆོས་བརྒྱུད་རིས་མེད་ཀྱི་གཞུང་ཆེན་བགྲོ་གླེང་ཐེངས་དྲུག་པ།

བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ཆེན་བགྲོ་གླེང་ཐེངས་དྲུག་པ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་གནང་བའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཡོད་པའི་སྐོར།

མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས།

ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༡ ནས་ ༢༤ བར་ཉིན་བཞིའི་རིང་། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་དང་། ཤར་རྩེ་གྲྭ་ཚང་གཉིས་ཀྱི་སློབ་གཉེར་ལྷན་ཚོགས་ཐུན་མོང་གིས་གོ་སྒྲིག་ཞུས་ཏེ། བོད་གངས་ཅན་ལྗོངས་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ཆེན་བགྲོ་གླེང་ཐེངས་དྲུག་པ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་གནང་བའི་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཚོགས་ཡོད་པ་དང་། རིས་མེད་དགོན་ཁག་ ༤༥ ནས་གསུང་བཤད་གནང་མཁན་ ༡༧ དང་ཟུར་ཉན་པ་༧༠ བཅས་ཀྱིས་ལྷན་ཞུགས་གནང་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ།  རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org