བཀའ་བསྟན་ཕབ་སྒྱུར།

རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་རིང་བཀའ་འགྱུར་བསྟན་འགྱུར་ཨིན་ཡིག་ཐོག་ཕབ་སྒྱུར་གྱི་ལས་གཞིའི་བླ་སྤྲུལ་མཁས་དབང་གི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པ་རེད།

གནས་མཆོག་རྡོ་རྗེ་གདན་དུ་རིས་མེད་བླ་སྤྲུལ་དང་ལོ་ཙ་བས་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་ཡོངས་རྫོགས་ཨིན་ཡིག་ནང་ཕབ་སྒྱུར་གྱི་ལས་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་གནང་བའི་གནས་ཚུལ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། དོན་གྲུབ་རྡོ་རྗེ།

༄༅།    །དེ་རིང་གི་གཏམ་གླེང་ཞལ་པར་ལེ་ཚན་ནང་།    གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་རིང་བཀའ་འགྱུར་བསྟན་འགྱུར་ཨིན་ཡིག་ཐོག་ཕབ་སྒྱུར་གྱི་ལས་གཞིའི་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཡོད་པའི་ཐོག    བོད་ཀྱི་ཆོས་རྒྱུད་ཁག་གི་སྐུ་ཚབ་མཉམ་ཞུགས་ཐོག་བགྲོ་གླེང་གནང་བའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org