ཁམས་སྡེ་དགེའི་བོད་མིའི་ཆེད་གདུང་སེམས་མཉམ་བསྐྱེད།

འཛམ་གླིང་གང་སར་བོད་མདོ་ཁམས་སྡེ་དགེ་ཁུལ་ནས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གོ་སྒྲིག་ཞུས་ཡོད་པ།

རྒྱ་ནག་གིས་སྡེ་དགེ་ཕྱོགས་ནས་བོད་མི་མང་པོ་འཛིན་བཟུང་བྱས་བར་རྡ་རམ་ས་ལར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་སྐབས། ༠༢།༢༢།༢༠༢༤ བསྟན་འཛིན་ལེགས་སྨོན། /RFA

ཐེངས་འདིའི་གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་དབྱིན་ཡུལ་བོད་རིགས་ཚོགས་པས་ཁ་ས་ཕྱི་ཚེས་༢༨་ཉིན་གྱི་ཕྱི་དྲོར་ཡུལ་དེའི་རྒྱལ་ས་ལོན་གྲན་ནང་ཡོད་རྒྱ་ནག་གཞུང་ཚབ་མདུན་བོད་མདོ་ཁམས་སྡེ་དགེ་ཁུལ་ནས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་གོ་སྒྲིག་ཞུས་པ་དང་འབྲེལ་ནས་རྒྱ་གར་བྱང་ཕྱོགས་སྦིར་བོད་མིའི་གཞིས་ཆགས་དང་།རྒྱ་གར་གྱི་རྒྱལ་ས་ལྡི་ལིདེ་བཞིན་Clementown དོན་འགྲུབ་གླིང་བོད་མིའི་གཞིས་ཆགས་སོགས་ཀྱི་ནང་ལ་ཡང་ལས་འགུལ་སྤེལ་བ་ཁག་གིས་སྐོར་འབྲེལ་ཡོད་མི་སྣ་རྣམས་ལ་སེངྒེ་རི་བསོད་ནམས་ལྷ་མོ་ལགས་ཀྱིས་གནས་འདྲི་ཞུས་ནས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སེངྒེ་རིག་བསོད་ནམས་ལྷ་མོ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org