ཌེ་ར་ཌུན་ནང་བོད་མི་ནད་དུག་ཕོག་པའི་ནད་པ་༣༠༥ འབྱུང་འདུག
ཌེ་ར་ཌུན་བོད་མིའི་གཞིས་སྒར་ཁག་དང་འདིའི་ཁུལ་གྱི་ཁ་ཐོར་མི་མང་ཁྲོད་ད་ལྟའི་ཆར་ནད་དུག་ཕོག་པའི་ནད་པ་སུམ་བརྒྱ་ལྔ་ཡོད་པ་དང་། ནད་པ་ལྔ་འདས་གྲོངས་སུ་ཕྱིན་ཡོད་འདུག
- 2021-05-06
-
-
-
ཌེ་ར་ཌུན་ནང་བོད་མི་ནད་དུག་ཕོག་པའི་ནད་པ་༣༠༥ འབྱུང་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བློ་བཟང་།
Your browser doesn’t support HTML5 audio
རྒྱ་གར་རྒྱལ་ཡོངས་སུ་ཀོ་ཝིཌ་༡༩ ཏོག་དབྱིབས་ནད་འབུའི་རིམས་ནད་ཀྱི་ཚ་རླབས་གཉིས་པ་དེ་དང་བསྟུན། སྤྱི་ལོ་༢༠༢༡ ལོའི་སྤྱི་ཟླ་བཞི་པའི་ཟླ་དཀྱིལ་ཙམ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་དུག་ཕོག་པའི་ནད་པ་ཧ་ཅང་གིས་མང་པོ་ཞིག་བྱུང་ཡོད་པ་དང་། ཌེ་ར་ཌུན་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་སོགས་སུ་ནད་པ་ཧ་ཅང་གིས་མང་པོ་ཞིག་བྱུང་ཡོད་པ་རེད། དེའི་སྐོར་ང་ཚོའི་གསར་འགོད་པ་བློ་བཟང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།