ཤེས་རིག་བཀའ་བློན་གསར་པ་པདྨ་དབྱངས་ཅན་ལགས་ནས་ལས་འཁུར་དམ་འབུལ་ཕུལ་ཡོད་པ།
ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་ལགས་ནས་ལྷག་བསམ་རྣམ་དག་གི་ཐོག་ནས་ཤེས་ཡོན་ཐོག་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་འདུག།
-
2018-04-03 -
-
-
༢༠༡༨།༤།༣།ཤེས་རིག་བཀའ་བློན་གསར་པ་པདྨ་དབྱངས་ཅན་ལགས་ཀྱིས་ལས་འཁུར་དམ་འབུལ་ཕུལ་བའི་མཛད་སྒོ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།
Your browser doesn’t support HTML5 audio
༄༅། །༢༠༡༨་ ཟླ་ ༤་ ཚེས་ ༣ཉིན། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་ཁང་གསར་པའི་ནང་དུ། ཉེ་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་ཤེས་རིག་བཀའ་བློན་དུ་བསྐོ་གཞག་བྱུང་བའི་པདྨ་དབྱངས་ཅན་ལགས་ཀྱི་ལས་འཁུརུ་དམ་འབུལ་གྱི་མཛད་སྒོ་ཞིག་ཚོགས་གནང་ཡོད་པ་དང༌། མཛད་སྒོའི་ཐོག་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་ལགས་ཀྱིས་མ་འོངས་ལོ་གསུམ་གྱི་ནང་ཤེས་ཡོན་ཐོག་ལྷག་བསམ་རྣམ་དག་གི་ཐོག་ནས་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་སངས་རྒྱས་རྡོ་རྗེ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎
གསར་འགོད་པ་སངས་རྒྱས་རྡོ་རྗེ།