བུད་མེད་གསར་འགོད་པའི་ས་མིག་གསལ་བསྒྲགས།

ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཞུགས་སྒར་རྡ་རམ་ས་ལའི་ལས་ཁུངས་སུ་དབུས་སྐད་ཀྱི་གསར་འགོད་པའི་ས་མིག་གསལ་བསྒྲགས།

བུད་མེད་གསར་འགོད་པའི་ས་མིག་གསལ་བསྒྲགས།

ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་

བཞུགས་སྒར་རྡ་རམ་ས་ལའི་ལས་ཁུངས་སུ་དབུས་སྐད་ཀྱི་གསར་འགོད་པའི་ས་མིག་གསལ་བསྒྲགས།

 

དགོས་ངེས་ཀྱི་ཆ་རྐྱེན།

  • བོད་སྐད་དང་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་རང་རྐྱ་འཕེར་ངེས་ཡོད་པ།
  • དབྱིན་ཡིག་དང་རྒྱ་ཡིག  ཧིན་དྷི་ལ་སོགས་པའི་ཤེས་ཚད་རང་རྐྱ་འཕེར་ངེས་ཡོད་པ།
  • བོད་ཕྱི་ནང་གི་གནས་ཚུལ་མཁོ་སྒྲུབ་ཐུབ་པའི་ཐོག་ཕྱོགས་ལྷུང་མེད་པར་ཕྱི་ནང་གི་གནས་ཚུལ་འགོད་སྤེལ་ཐུབ་པ།
  • སྲིད་གཞུང་དང་ཆོས་ལུགས་སྡེ་ཁག་གང་ཡང་རུང་བའི་ཤུགས་རྐྱེན་འོག་མ་སོང་བར་རང་ཉིད་གསར་འགོད་པའི་ངོ་བོར་དྲང་ཚུགས་འཕེར་བའི་ཐོག་གནས་ཐུབ་པ།
  • རང་ཉིད་གནས་ཡུལ་རྒྱལ་ཁབ་ནང་གི་གསར་འགོད་པའི་སྒྲིག་གཞིར་ཤེས་རྟོགས་ཡོད་པ།
  • བརྙན་འཕྲིན་དང་རླུང་འཕྲིན་གཉིས་ཀའི་ཐོག་གནས་ཚུལ་འབྲི་བཀོད་དང་བཅར་འདྲི། དེ་བཞིན་བརྙན་འཕྲིན་ཕྱོགས་བསྒྲིགས། (Video) སོགས་བྱེད་ཐུབ་པའམ་བྱ་ཐུབ་པ་བྱ་རྒྱུའི་འདུན་པ་ཡོད་པ། ༼གསར་འགོད་པའི་ལས་ཀར་བདམས་ཐོན་ཟིན་རྗེས་སྒྲ་དང་བརྙན་པར་ཕྱོགས་བསྒྲིགས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ།༽གསར་འགོད་ལས་རིགས་ལ་བྱང་ཆ་ཡོད་པའམ།  གསར་འགོད་ལས་རིགས་ཐོག་སློབ་སྦྱོང་གི་ལག་འཁྱེར་ཡོད་ན་དམིགས་བསལ་ཆ་རྐྱེན་ལ་ངོས་འཛིན་བྱེད་རྒྱུ།

ལས་འགན།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ལས་ཁུངས་ཨ་མ་དང་།  བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་དང་རྩོམ་སྒྲིག་པས་བཀོད་མངགས་འོག་གཙོ་བོ་བོད་ནང་གི་གནས་ཚུལ་དང་།  དེ་བཞིན་རྒྱ་གར་དང་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་བྱུང་པའི་བོད་དོན་དང་དེ་མིན་འབྲེལ་ཆགས་ཀྱི་གནས་ཚུལ་རྩད་ཞིབ་བྱས་ཤིང་། ཁུངས་ལྡན་ཡིན་པ། རང་བཞིན་ཅན་གྱི་སྒྲ་དང་བརྙན་པར་ཡོད་པའི་གནས་ཚུལ་དུས་ཐོག་ཏུ་གཏོང་རྒྱུ།

གཞུང་དང་སྒྲིག་འཛུགས་ཁག་གིས་སྤེལ་བའི་དྲིལ་བསྒྲགས་ལ་སོགས་པ་ཁོ་ནའི་གནས་ཚུལ་མཁོ་སྒྲུབ་བྱས་པ་མིན་པར། སོ་སོ་རང་གིས་གནས་ཚུལ་སྣ་ཚོགས་མཁོ་སྒྲུབ་ཐུབ་པ་དགོས་པ།

ལས་ཡུན།

ཐོག་མར་ལོ་གཅིག་རིང་གི་གན་རྒྱ་དང་།  དོ་བདག་གི་ལས་ཀར་ལས་ཁུངས་ཨ་མ་ནས་གདེང་འཇོག་འཕེར་བ་བྱུང་ཚེ། ལོ་ལྟར་ཕྱི་ཟླ་དགུ་པའི་ཟླ་མཇུག་ཏུ་གན་རྒྱ་མུ་མཐུད་འཇོག་རྒྱུ།

 ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པའི་ལས་ཀར་ཞུགས་འདོད་ཡོད་པ་རྣམས་ནས།   གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་སློབ་ཐོན་ལག་འཁྱེར་དང་། དོ་བདག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་ཡོད་པའི་རྒྱུ་མཚན་དང་དམིགས་ཡུལ་སོགས་འཁོད་པའི་སྙན་ཞུ་ ༢༠༢༣ ཕྱི་ཟླ་ ༧ ཚེས་ ༡༥ འགྱངས་མེད་གཏོང་གནང་ཡོད་པ་ཞུ། 

rfajobs@rfa.org 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org