རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཆེན་མོ་ཐེངས་ ༤ པ།

GCM International ---credit
རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཆེན་མོ་ཐེངས་ ༤ པ་འདི་ཁེ་ན་ཊའི་ས་གནས་ཊོ་རོན་ཊོ་ནང་ཟླ་བ་ ༨ པའི་ཚེས་ ༢ ནས་ ༤ བར་བརྩེ་འཆར་ཡོད་པ་བཞིན། གྲ་སྒྲིག་ཚོགས་ཆུང་ནས་ཚོགས་མི་བསྟན་འཛིན་ངག་དབང་ལགས་ཀྱིས་འབྱུང་འགྱུར་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁྲོད་ས་གནས་ཀྱི་ཚོགས་པ་ཁག་གི་རོགས་རམ་དང་། མ་དངུལ་ཐད་ནས་གྲ་སྒྲིག་གནང་ཕྱོགས། རྩེད་འགྲན་རུ་ཁག་གི་རྩེད་མོ་བ་ཚོ་དང་ལྟད་མོ་ལྟ་མཁན་ཚོར་ངོ་མཚར་བའི་ཉམས་མྱོང་ཞིག་སྐྲུན་འཆར་ཡོད་པ་སོགས་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་བ་ཞིག་གསན་གནང་གི་རེད།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན།  ནོར་སྒྲོན།
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org