རྒྱ་གར་རྒྱལ་ས་ལྡི་ལིར་བོད་པའི་བླ་སྤྲུལ་གྱི་སློབ་གྲྭ

ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་བོད་པའི་བླ་སྤྲུལ་གྱི་སློབ་གྲྭ་ཞིག་བཙུགས་གནང་ཡོད་པའི་སྐོར།

ཐེ་པོ་སྤྲུལ་སྐུ།

ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་རྒྱལ་ས་ལྡི་ལིར་བོད་པའི་བླ་སྤྲུལ་གྱི་སློབ་གྲྭ་ཞིག་བཙུགས་གནང་ཡོད་ཅིང་།  སློབ་གྲྭ་དེའི་ནང་ཀརྨ་འཕྲིན་ལས་རིན་པོ་ཆེ་མཆོག་མཁན་པོ་དང་པོ་གནང་པ་དང་།  དེའི་ཁུངས་སུ་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་དང་།  བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེས་དབུས་བླ་སྤྲུལ་མང་དག་ཅིག་ལ་སློབ་གཉེར་ཕུལ་ཡོད་པ་རེད།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  བླ་མའི་སློབ་གླིང་དེའི་ནང་སློབ་གཉེར་གནང་མྱོང་མཁན་ཐེ་པོ་སྤྲུལ་སྐུ་མཆོག་ལ་ལོ་ངོ་ ༦༠ ལྷག་གི་རྗེས་ཕྱི་ལྟ་ཞུ་སླད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་འདྲི་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲ་ཤིས་དབང་ཕྱུག

རྩོམ་སྒྲིག་པ།  རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org