བལ་བོད་ས་མཚམས་ཀྱི་བོད་མི་བགྲེས་སོང་བ་༤༠ ལ་༧གོང་ས་མཆོག་གི་ཞལ་མཇལ།

བལ་བོད་ས་མཚམས་ཁུལ་གྱི་གྲོང་གསེབ་ས་ཁུལ་ནས་བོད་མི་བགྲེས་སོང་བ་༤༠ ལ་༧གོང་ས་མཆོག་དངོས་སུ་ཞལ་མཇལ་གྱི་དུས་བཟང་གོ་སྒྲིག་གནང་ཐུབ་པ།

མཐུན་འགྱུར་པར་རིས།

མི་ཚེའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐེངས་གཅིག་ཞལ་མཇལ་གྱི་རེ་བ་དང་འདུན་པ་ཆེན་པོ་བཅངས་མཁན་བལ་བོད་ས་མཚམས་ཁུལ་གྱི་གྲོང་གསེབ་ས་ཁུལ་ནས་བོད་མི་བགྲེས་སོང་བ་༤༠ ལ་༧གོང་ས་མཆོག་དངོས་སུ་ཞལ་མཇལ་གྱི་དུས་བཟང་གོ་སྒྲིག་གནང་ཐུབ་པ་བྱུང་བའི་སྐོར་གཡུ་སྒྲོན་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།

གསར་འགོད་པ། གཡུ་སྒྲོན།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org