ཨ་རིའི་ཧར་ཝརཌི་ནང་སློབ་གཉེར་རྗེས་རྒྱ་གར་དུ་ཕྱིར་ལོག་གིས་ལོ་ངོ་ ༢༠ ལྷག་རིང་སྤྱི་ཚོགས་ཞབས་ཞུ་སྒྲུབ་བཞིན་པ།

བོད་ཕྲུག་གཙོ་བོར་འགྱུར་བའི་ཧི་མ་ལ་ཡའི་ཉམས་ཐག་བྱིས་པ་ཚོའི་ཤེས་ཡོན་ཐད་ཞབས་ཞུ་སྒྲུབ་པའི་ལེགས་སྐྱེས་ཇི་ལྟར་ཕུལ་ཡོད་མེད་སྐོར།

ཨ་མི་རི་ཀའི་མངའ་སྡེ་ Montana གྲོང་ཁྱེར་ Helena རུ་རྟེན་གཞི་བྱས་པའི་ Tibetan Children’s of Education Foundation ཞེས་བཙན་བྱོལ་ནང་གི་བོད་ཕྲུག་ཤེས་ཡོན་ཐེབས་རྩ་ཚོགས་པའི་འགན་འཛིན་གནང་མུས་དང་། རྒྱ་གར་བྱང་ཕྱོགས་ Uttrakhand མངའ་སྡེའི་ལྡེ་ར་ལྡུན་དུ་རྟེན་གཞི་བྱེད་པའི་སྐྱིད་ཚལ་གླིང་སློབ་མའི་སློབ་ཁྱིམ་གསར་འཛུགས་གནང་མཁན་གྱི་འགན་འཛིན་དང་། དོན་གྲུབ་གླིང་ནེཧ་རུའི་རྗེས་དྲན་སློབ་གྲའི་སློབ་སྤྱི་ཀརྨ་བསྟན་གསུམ་ལགས་ཀྱིས་ད་བར་བོད་ཕྲུག་གཙོ་བོར་འགྱུར་བའི་ཧི་མ་ལ་ཡའི་ཉམས་ཐག་བྱིས་པ་ཚོའི་ཤེས་ཡོན་ཐད་ལ་ཞབས་ཞུ་སྒྲུབ་པའི་ལེགས་སྐྱེས་ཇི་ལྟར་ཕུལ་ཡོད་མེད་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་མཁའ་འགྲོ་གཡང་འཛོམས་ལགས་ཀྱིས་བཀའ་དྲི་ཞུས་པ་ཞིག་གསན་གནང་གི་རེད།།

གསར་འགོད་པ། མཁའ་འགྲོ་གཡང་འཛོམས།

བརྙན་པར་སྒྲིག་སྦྱོར་བ།  པ་སངས་དོན་ལྡན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག  དོན་གྲུབ་རྣམ་རྒྱལ།  
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org