སྲིད་སྐྱོང་མཆོག་ཨི་ཊ་ལིར་འཚམས་གཟིགས།

སྲིད་སྐྱོང་མཆོག་ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་སོགས་མངའ་ཁུལ་ཁག་ཅིག་ནང་འཚམས་གཟིགས་སྐབས་བོད་དོན་ཆེད་མུ་མཐུད་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པའི་གནས་ཚུལ།

སྲིད་སྐྱོང་མཆོག་ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་སོགས་མངའ་ཁུལ་ཁག་ཅིག་ནང་འཚམས་གཟིགས་སྐབས་བོད་དོན་ཆེད་མུ་མཐུད་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པའི་གནས་ཚུལ། བོད་མིའི་སྒྲིག་འཛུགས།

༄༅།།ཕྱི་ཟླ་༡༡ཚེས་༡༨ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨི་ཊ་ལིའི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་སྦོལ་ཛ་ནོར་སྲིད་འཛིན་གསར་པར་འོས་འདེམས་བྱུང་བ་སྐུ་ཞབས་ཨར་ནོ་ཀོམ་པ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུས་པ་དང༌། དེ་བཞིན་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཊི་རོལ་དང་ཏེ་རན་ཏོ་རང་སྐྱོང་མངའ་ཁུལ་གྱི་དབུ་ཁྲིད་རྣམ་པར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་ཞུས་ཏེ་བོད་དོན་ཆེད་མུ་མཐུད་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སུད་སིའི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་སུད་སི་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org