དགའ་ལྡན་ཕོ་བྲང་ལ་བསྙོན་འཛུགས་བྱས་ལུགས།

སྤྱི་འཐུས་ཁག་གཅིག་གྲོས་ཚོགས་ནས་ཕྱི་ལ་ཐོན་ཡང་རྗེས་སུ་ཚོད་བརྗོད་དེ་ཚོ་ཕྱིར་འཐེན་གསལ་བཤད་བྱས་པ།

སྤྱི་འཐུས་ཁག་གཅིག་གྲོས་ཚོགས་ནས་ཕྱི་ལ་ཐོན་ཡང་རྗེས་སུ་ཚོད་བརྗོད་དེ་ཚོ་ཕྱིར་འཐེན་གསལ་བཤད་བྱས་པ། བོད་མིའི་སྒྲིག་འཛུགས།

༄༅༎ཕྱི་ཟླ་༩ཚེས་༢༡རེས་གཟའ་ཕུར་བུའི་ཉིན་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས། ད་ལོར་སྤྱི་རྒྱུ་སྒེར་བདག་བྱེད་མཁན་ལ་དགའ་ལྡན་ཕོ་བྲང་གིས་སྲོང་བཙན་གཟེངས་རྟགས་ཟེར་བ་ཞིག་གནང་ཚར་ཡོད་པ་དང་། དགའ་ལྡན་ཕོ་བྲང་ཟེར་ནའང་ཡར་ཐུག་ས་དེ་༸རྒྱལ་བ་རིན་པོ་ཆེ་མ་གཏོགས་མེད་སྟབས། རྗེས་མ་ནས་སྤྱི་རྒྱུ་སྒེར་བདག་གི་གནད་དོན་ཞུ་གཏུག་བྱས་ཀྱང་ཕན་ཐོགས་མེད་ལུགས་དང་། དེར་ཧ་ལས་པའི་བློ་ཕམ་བྱུང་སྐོར་བརྗོད་དེ་གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་ལ་བསྙོན་འཛུགས་བྱས་ལུགས་ཀྱིས་སྤྱི་འཐུས་ཁག་གཅིག་གྲོས་ཚོགས་ནས་ཕྱི་ལ་ཐོན་ནས་གྲོས་ཚོགས་རེ་ཞིག་མཚམས་འཇོག་བྱེད་དགོས་ཐུག་ཡོད་ཀྱང་རྗེས་སུ་ཚིག་བརྗོད་དེ་ཚོ་ཕྱིར་འཐེན་གསལ་བཤད་བྱས་ནས་གྲོས་མུ་མཐུད་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎
གསར་འགོད་པ་བློ་བྷེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org