བོད་ཀྱི་རིག་གཞུང་གཅེས་འཛིན་ཆེད་ཨ་སྒོར་ལྔ་ཁྲི་བཀའ་འཁྲོལ།

ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སྲིད་གཞུང་ནས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པར་བོད་ཀྱི་རིག་གཞུང་གཅེས་ནོར་མི་ཉམས་རྒྱུད་འཛིན་སླད་ཕྱི་ལོ་༢༠༢༤ལོའི་དངུལ་རྩིས་ནས་ཨ་སྒོར་ལྔ་ཁྲི་བཀའ་འཁྲོལ་བཏང་ཡོད་པ།

མི་ནི་སོ་ཊ་མངའ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོ་དེབ།

བོད་དང་རྒྱལ་སྤྱིའི་གནས་བབ་ཞེས་པའི་ལེ་ཚན་ནང་། ཨ་རིའི་མི་ནི་སོ་ཊ་མངའ་སྡེའི་སྲིད་གཞུང་ནས་ Tibetan American Foundation of Minnesota (TAFM) ཞེས་མི་ནི་སོ་ཊར་གནས་སྡོད་བོད་རིགས་སྤྱི་མཐུན་ཚོགས་པར་བོད་ཀྱི་རིག་གཞུང་གཅེས་ནོར་མི་ཉམས་རྒྱུད་འཛིན་ཡོང་སླད་ཕྱི་ལོ་༢༠༢༤ལོའི་དངུལ་རྩིས་ནས་ཨ་སྒོར་ལྔ་ཁྲི་བཀའ་འཁྲོལ་བཏང་ཡོད་པའི་སྐོར་འབྲེལ་ཡོད་མི་སྣར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གླེང་མོལ་གནང་བ་གསན་རོགས་གནང་།

གསར་འགོད་པ། བསྟན་འཛིན་བདེ་སྐྱིད།

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org