བོད་ཀྱི་གྲོང་ཚོ་གསར་རྒྱག

ཨ་རིའི་མི་ནེ་སོ་ཊའི་མངའ་སྡེའི་སྦལེན་གྲོང་ཁྱེར་ནང་བོད་ཀྱི་གྲོང་ཚོ་གསར་རྒྱག་སྐོར།

ཨ་རིའི་མེ་ནི་སོ་ཌ་མངའ་སྡེའི་ནང་བོད་གྲོང་གསར་རྒྱག་གི་ལས་འཆར་ས་ཁྲ། TTP LLC

ཨ་རིའི་མི་ནེ་སོ་ཊའི་མངའ་སྡེའི་སྦལེན་གྲོང་ཁྱེར་ནང་བོད་ཀྱི་གྲོང་ཚོ་གསར་རྒྱག་བྱེད་རྒྱུའི་གསལ་བསྒྲགས་གནང་པ་ལྟར།  སྔོན་འགྲོའི་འཆར་གཞིར་ས་གཞི་ཨེ་ཀར་ (Acre) ༨༠ ཐོག་ཁང་པ་འདྲ་མིན་ ༢༩༤ འཆར་སྒྲིག་བྱས་ཀྱང་།  ད་ཆ་ཐོ་འགོད་བྱེད་མཁན་དེ་ལས་ལྷག་བརྒལ་ཡོད་འདུག་ལ།  ད་ལྟའི་ཆར་ས་གཞི་ཨེ་ཀར་ ༨༠ ཉོ་སྒྲུབ་བྱ་རྒྱུའི་མཚོན་ལས་གཞི་དེའི་རིམ་པ་  པར་སླེབས་ཡོད་འདུག  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  མི་ནེ་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པའི་རྒྱུན་ལས་དང་བོད་གྲོང་འཛུགས་སྐྲུན་ལས་འཆར་གྱི་ས་ཁང་འགན་འཛིན་ཟླ་བ་བཀྲ་ཤིས་དང་།  ཏ་ར་ལྷ་དབང་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པའི་ལས་ཚབ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།།

 གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org