རི་བོ་དགེ་ལུགས་པས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ།

རི་བོ་དགེ་ལུགས་པའི་ངོས་ནས་༸གོང་ས་མཆོག་ལ་ལོ་གཅིག་གི་རིང་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མཛད་འཆར་ཡོད་པའི་སྐོར་ངོ་སྤྲོད་གནང་བ།

བོད་མི་མང་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌།

༄༅༎ཐེངས་འདིའི་གནད་དོན་གླེང་མོལ་ཞེས་པའི་ལེ་ཚན་ནང་དུ། ཕྱི་ཟླ ༦ ཚེས་ ༢༡ཉིན། བཞུགས་སྒར་དུ་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་དང་། རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་༨༠ལ་ཕེབས་པ་དང་བསྟུན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། ལྷག་པར་དུ་རི་བོ་དགེ་ལུགས་པའི་ངོས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པའི་ཉིན་མ་ནས་བཟུང་སྟེ། ལོ་གཅིག་གི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་སྲུང་བརྩི་ཞུ་རྒྱུའི་མཛད་འཆར་དང་འབྲེལ་བའི་སྐོར། བོད་མི་མང་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་དང་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་བར་བཀའ་མོལ་གནང་བར་གསན་རོགས་ཞུ༎

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org