བོད་དོན་ཞུ་གཏུག་གི་ལས་འགུལ་གནང་ཕྱོགས་ཐད་གཞོན་སྐྱེས་ཀྱི་འདུ་འཛོམས།

བོད་དོན་ཞུ་གཏུག་ལས་འགུལ་ཡན་ལག་གི་འབྲེལ་མཐུད་པ་དང་ཚོགས་མི་ ༣༠ ལྷག་འདུ་འཛོམས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་གནང་ཕྱོགས་ཐད་ཡོ་རོབ་ནང་གཞོན་སྐྱེས་ཀྱི་འདུ་འཛོམས་གནང་བཞིན་པ།

སུད་སི་ནས་བསྟན་འཛིན་མཁའ་འགྲོ་ལགས་དང་། ཨོསི་ཊརི་ཡ་ནས་བསྟན་འཛིན་འཛོམས་སྐྱིད་ལགས། འཇར་མ་ནི་ནས་ལྷ་མོ་ལགས། སྒྲིག་བཟོ།

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཁྱབ་ཁོངས་ས་གནས་ཡོ་རོབ་ཀྱི་ཨོསི་ཊརི་ཡ་དང་། སུད་སི།  འཇར་མ་ནི་བཅས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་ཡན་ལག་གི་འབྲེལ་མཐུད་པ་དང་ཚོགས་མི་ ༣༠ ལྷག་འདུ་འཛོམས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་གནང་ཕྱོགས་ཐད་ ༢༠༢༤ ཟླ་ ༡༢ ཚེས་ ༦ ནས་ ༨ བར་ཡོ་རོབ་ནང་གཞོན་སྐྱེས་ཀྱི་འདུ་འཛོམས་གནང་ཡོད་པ་ལྟར།  ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  སུད་སི་ནས་བསྟན་འཛིན་མཁའ་འགྲོ་ལགས་དང་།  ཨོསི་ཊརི་ཡ་ནས་བསྟན་འཛིན་འཛོམས་སྐྱིད་ལགས། འཇར་མ་ནི་ནས་ལྷ་མོ་ལགས་བཅས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།

གསར་འགོད་པ། བཀྲིས་དབང་ཕྱུག

རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org