པར་རྒྱག་སྒྲིག་གི་ཟབ་སྦྱོང༌།

ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགྱུར་སྡེ་ཚན་གྱི་ལས་བྱེད་པ་སོགས་ལས་བྱེད་པ་ཁག་ཅིག་ལ་ཟབ་སྦྱོང་ཞིག་གནང་བ།

བཞུགས་སྒར་དུ་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགྱུར་སྡེ་ཚན་གྱི་ལས་བྱེད་པ་སོགས་ལས་བྱེད་པ་ཁག་ཅིག་ལ་ཟབ་སྦྱོང་གནང་བཞིན་པ། ཕྱི་ལོ་༢༠༡༤ཟླ་༤ཚེས་༡༤། བཙན་བྱོལ་བོད་མིའི་སྒྲིག་འཛུགས།

༄༅༎ཕྱི་ཟླ་༤ཚེས་༤རེས་གཟའ་ཟླ་བའི་ཉིན་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོ་སྒྲིག་འོག་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགྱུར་སྡེ་ཚན་གྱི་ལས་བྱེད་པ་དང་།སྲིད་ཇུས་ཉམས་ཞིབ་ཁང༌།སྨན་རྩིས་ཁང་སོགས་ནས་ལས་བྱེད་པ་ཁག་ཅིག་ལ་ཉིན་གཉིས་པར་ལེན་སྟངས་དང་བཅོས་སྒྲིག་བྱེད་སྟངས་ཐོག་གི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org