ཧོང་ཀོང་གི་ཆབ་སྲིད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབས།

ཧོང་ཀོང་གི་ཆབ་སྲིད་ལོ་རྒྱུས་དང་ད་ལྟའི་གནས་བབ་ཐད་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གྲྭའི་ལོ་རྒྱུས་སློབ་དཔོན་རྒན་གཉན་ཐར་ལགས་སུ་བཀའ་འདྲི་ཞུས་པ།

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེངྒ་ལུ་རུ་ནང་ཆགས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གྲྭའི་ལོ་རྒྱུས་སློབ་དཔོན་རྒན་གཉན་ཐར་ལགས། རྒན་གཉན་ཐར་ལགས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཧོང་ཀོང་ནང་རྒྱ་ནག་གཞུང་གིས་ཉེ་ལམ་དམངས་གཙོའི་འགོ་ཁྲིད་མང་པོ་ཞིག་ལ་འོས་བསྡུའི་ནང་ཞུགས་མི་བཅུག་པ་དང་།  རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་གཞི་ཟེར་བ་ལག་བསྟར་བྱེད་དེ་ཧོང་ཀོང་ཐོག་རྒྱ་ནག་དམར་ཤོག་གིས་དབང་འཛིན་ཤུགས་ཆེ་གཏོང་བཞིན་པའི་སྐབས་འདིར།  ཧོང་ཀོང་གི་ཆབ་སྲིད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབས་བཅས་པར་བསྐྱར་ཞིབ་ཞུ་སླད།  རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེངྒ་ལུ་རུ་ནང་ཆགས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གྲྭའི་ལོ་རྒྱུས་སློབ་དཔོན་རྒན་གཉན་ཐར་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org