རྒྱ་གར་ནང་ཆར་རླུང་དྲག་འཚུབ་དེས་བོད་མིའི་ཁྲོམ་ས་མེད་པ་བཟོས་ཡོད་པ།

ཆར་རླུང་དྲག་འཚུབ་བརྒྱབ་པའི་རྐྱེན་གྱིས་རྒྱ་གར་ཇར་ཁནྜ་མངའ་སྡེའི་གྲོང་ཁྱེར་ཊ་ཊ་ན་གར་དུ་བོད་མི་སུད་ཊར་བཙོང་སའི་ཁྲོམ་སར་མེད་པ་བཟོས་ཡོད་པ།

རྒྱ་གར་ཇར་ཁནྜ་མངའ་སྡེའི་རྒྱལ་ས་རན་ཅི་རུ་ཆར་རླུང་དྲག་འཚུབ་བརྒྱབ་ཡོད་པ། ཨེ་ཨེཕ་པི།

༄༅༎ཟླ་འདིའི་ཕྱི་ཚེས་༡༢ཉིན་གྱི་མཚན་མོ་རྒྱ་གར་ལྷོ་ཤར་ཁུལ་དུ་ཆར་རླུང་དྲག་འཚུབ་བརྒྱབ་པའི་རྐྱེན་གྱིས། རྒྱ་གར་ཇར་ཁནྜ་མངའ་སྡེའི་གྲོང་ཁྱེར་ཊ་ཊ་ན་གར་དུ་བོད་མི་སུད་ཊར་བཙོང་སའི་ཁྲོམ་སར་གནོད་སྐྱོན་ཆེན་པོ་ཕོག་ཡོད་པའི་སྐོར། ཞིབ་ཕྲ་ཊ་ཊ་ན་གར་བོད་མི་སུད་ཚོང་སྐྱིད་སྡུག་གི་འགན་འཛིན་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་སུ་ངོ་སྤྲོད་གནང་བར་གསན་རོགས༎

གསར་འགོད་པ་ཨོ་རྒྱན་བསྟན་འཛིན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org