རྒྱ་གར་ནང་གི་ཁ་ཆེའི་མི་རིགས་ཉམས་ཞིབ་པ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་སྐོར་གསུངས་བ།

རྒྱ་གར་ནང་གི་ཁ་ཆེའི་མི་རིགས་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཡུ་གུར་བོད་མི་རིགས་ཚོར་དྲག་གནོན་བྱེད་བཞིན་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པར་རེ་བ་འདོན་གྱི་ཡོད་པ།

ལྡི་ལིའི་འོར་རྡོའི་ཚགས་པར་ཌེ་ལི་མཱེ་ལབ་ཀྱི་རྩོམ་སྒྲིག་པ་རི་ཤི་སུ་རི། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།

རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་གཏོང་བཞིན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྙན་ཐོ་བཏོན་པ་ཡོད་པར་བརྟེན། རྒྱ་གར་ནང་གི་ཁ་ཆེའི་མི་རིགས་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་ཡུ་གུར་མི་རིགས་ལ་དྲག་གནོན་མཚམས་འཇོག་ཡོང་བར།རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པར་རེ་བ་འདོན་གྱི་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་འགན་འཛིན། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org