རྒྱ་གར་གཞུང་གི་རྒྱ་ནག་ལ་ཁ་གཏད

རྒྱ་གར་གཞུང་གིས་བོད་དོན་འཁྱེར་ནས་རྒྱ་ནག་ལ་ཁ་གཏད་གདོང་ལེན་ཇི་ཙམ་བྱེད་ཐུབ་མིན་ཀྱི་སྐོར།

རྒྱ་གར་བརྒྱུད་ལམ་ཁག་ནང་རྩོམ་བྲིས་གཅིག འདྲ་བཞུས།

ཉེ་ཆར་རྒྱ་གར་གི་བརྒྱུད་ལམ་ཁག་མང་པོ་ཞིག་ནང་།གནད་དོན་དབྱེ་ཞིབ་པ་དང་གསར་འགོད་པས་།རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་ལག་ཏུ་འཁྱེར་ནས་རྒྱ་ནག་གཞུང་ལ་ཁ་གཏད་གདོང་ལེན་བྱེད་འཆར་ཡོད་པའི་།དཔྱད་བརྗོད་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་བརྟེན་།དོན་དངོས་སུ་རྒྱ་གར་གྱི་སྲིད་བློན་མོ་ཏིས་དབུ་ཁྲིད་པའི་གཞུང་གིས་།བོད་ཀྱི་གནད་དོན་ཐོག་།ལམ་ཕྱོགས་སྲིད་ཇུས་ལ་འགྱུར་བ་གཏང་རྒྱུ་རྟགས་མཚན་གང་ཡོད་མིན་དང་།རྒྱ་གར་གཞུང་གིས་བོད་དོན་འཁྱེར་ནས་རྒྱ་ནག་ལ་ཁ་གཏད་གདོང་ལེན་ཇི་ཙམ་བྱེད་ཐུབ་མིན་ཀྱི་སྐོར་གླིང་རྒྱུ་ཡིན།
སྐུ་མགྲོན་གཙོ་བོ་བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་ཨ་ཅ་རིས་ཡི་ཤེས་ཕུན་ཚོགསས་དང་བོད་དོན་འཐབ་རྩོད་པ་དང་རྩོམ་པ་པོ་བསྟན་འཛིན་བཙོན་འགྲུས་རྣམ་པ་གཉིས་དང་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་བྱེད་པ་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org