འཕགས་བོད་ས་མཚམས་སུ་རྒྱ་ནག་གིས་གྲོང་གསེབ་གསར་རྒྱག

རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་འཕགས་བོད་ས་མཚམས་སུ་རྒྱ་ནག་གིས་གྲོང་གསེབ་གསར་རྒྱག་གིས་ལས་གཞི།

གཡས་ཕྱོགས་སུ་ཕྱི་ལོ་༢༠༢༠ཟླ་༡༡ནང་དང་། གཡོན་ཕྱོགས་སུ་ཕྱི་ལོ་༢༠༡༩ཟླ་༨ནང་གི་པར་རིས། འདྲ་བཤུས།

རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་འཕགས་བོད་ས་མཚམས་སུ་རྒྱ་ནག་གིས་གྲོང་སེབ་གསར་རྒྱག་གིས་ལས་གཞི་འདི་བཞིན་བོད་ཀྱི་རང་བྱུང་གཏེར་དངོས་སྔོག་འདོན་དང་རྒྱ་གར་གི་ས་ཆ་ཧམ་ཟས་བྱེད་རྒྱུར་དམིགས་པ་ཞིག་ཡིན་པ་རྒྱ་གར་དམག་དོན་ཉམས་ཞིབ་པས་ངོས་འཛིན་གནང་བཞིན་འདུག དེའི་སྐོར་ང་ཚོའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org