བོད་འདི་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་དགོས།

རྒྱ་གར་གྱི་ཚན་རིག་པ་ཞིག་གིས་བོད་འདི་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་དགོས་པ་གསུངས་འདུག

གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ནས་སྐུ་ཞབས་ཝེན་ཀ་ཊར་མཱན་ལགས་སུ་བཅར་འདྲི་ཞུས་སྐབས། འདྲ་བཤུས།

འཛམ་གླིང་ནང་རྒྱ་ནག་གི་བྱ་སྤྱོད་ལ་དྲི་བ་བཏང་ནས་དྭོགས་ཟོན་བྱེད་སར་གྱུར་ཞིང་།  ཨ་རིས་གཙོས་མཐུན་ཕྱོགས་རྒྱལ་ཁབ་མང་པོས་རྒྱ་ནག་ལ་ཡིད་ཆེས་ཇེ་ཉུང་དུ་འགྲོ་བ་དང་། རྒྱ་གར་གྱི་ས་མཚམས་ཁག་ཏུ་རྒྱ་མིའི་དམག་མི་འཛུལ་ཞུགས་བྱེད་པའི་རྙོག་གླེང་ཆེན་པོར་གྱུར་བའི་སྐབས་འདིར། རྒྱ་གར་གྱི་ཚན་རིག་པ་ཞིག་གིས་བོད་འདི་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་དགོས་པ་གསུངས་འདུག  བཀྲིས་དབང་ཕྱུག་ལགས་ཀྱིས་གནད་དོན་དབྱེ་ཞིབ་པ་ཁག་ཅིག་ལ་བཀའ་དྲི་ཞུས་ནས་ཕྱོགས་སྒྲིག་ཞུས་པ་ཞིག་སྙན་སྒྲོན་ཞུ་གི་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org