རྒྱ་ནག་གཞུང་གིས་སི་ཁྲོན་གཡག་རྔ་ནས་བོད་ལྗོངས་ཉིང་ཁྲིའི་བར་གྱི་ལྕགས་ལམ་འཛུགས་སྐྲུན།

རྒྱ་ནག་གཞུང་གིས་སི་ཁྲོན་གཡག་རྔ་ནས་བོད་ལྗོངས་ཉིང་ཁྲིའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་འགོ་ཚུགས་ཡོད་པ།

ལྷ་ས་ནས་ཉིང་ཁྲི་བར་མེ་འཁོར་ལྕགས་ལམ་བཟོ་བཞིན་པ། མཐུན་འགྱུར་པར་རིས། ཚེ་དབང་རྡོ་རྗེ།

རྒྱ་ནག་གཞུང་གིས་སི་ཁྲོན་གཡག་རྔ་ནས་བོད་ལྗོངས་ཉིང་ཁྲིའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་འགོ་ཚུགས་ཡོད་པ་དང་། ཀོང་པོ་ཉིང་ཁྲི་ནས་རྒྱ་གར་གྱི་ས་མཚམས་བར་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ལས་མེད་སྟབས། རྒྱ་གར་གྱི་བདེ་འཇགས་ལ་ཐུག་པའི་ཉེན་ཁ་ཞིག་དང་། བོད་མིའི་བླ་སྲོག་གཅོད་པའི་ལྕགས་ལམ་ཞིག་ཡིན་ཞེས་ཆེད་མཁས་པས་བརྗོད་ཡོད་པའི་སྐོར་སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་དང་།

ཡང་གནས་ཚུལ་འདིའི་ཐོག་དབྱངས་སྒྲོལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་གནང་བ་ཞིག་ལ་གསན་རོགས་གནང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org