བོད་མིའི་རང་དབང་སྒེར་ལངས་༥༠།

འཛམ་གླིང་ཡོངས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་གསུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་པར་དྲན་གསོ་བྱས་པ།

བོད་མིའི་རང་དབང་སྒེར་ལངས་ལྔ་བཅུའི་མཛད་སྒོའི་ཐོག་༸གོང་ས་མཆོག་ནས་བོད་མི་མང་ལ་གསུང་འཕྲིན་སྩོལ་བཞིན་པ། ཨེ་ཤེ་རང་དབང་རླུང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།

༄༅༎ཕྱི་ལོ་ཉིས་སྟོང་དགུ་ཟླ་བ་གསུམ་པའི་ཚེས་བཅུའི་ཉིན་འཛམ་གླིང་ཡོངས་སུ་བོད་མི་གནས་སྡོད་ས་ཁུལ་ཁག་གི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་བཙན་འཛུལ་བྱས་པར་བོད་མིས་རང་དབང་སླར་གསོའི་སྒེར་ལངས་ཀྱི་ལས་འགུལ་སྤེལ་ནས་མི་ལོ་ལྔ་བཅུ་འཁོར་བའི་ཉིན་མོར་དྲན་གསོ་དང་བོད་ནང་རྒྱ་དམག་གི་འོག་འདས་གྲོངས་སུ་ཕྱིན་པའི་བོད་མི་རྣམས་ལ་རྗེས་དྲན་ཞུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རྣམས་ཀྱི་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པར་རིམ་བཞིན་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org