འགན་འཛིན་ལྷན་ཚོཊ་ཐེངས་༤༠པ།
2009.08.21

ཨེ་ཤི་ཡ་རང་དབང་རླང་འཕྲིན་ཁང༌། བསྟན་འཛིན་དོན་ཡོད།
![]() |
ལེ་ཚན་ལ་གསན་རོགས་གནོངས། |
༄༅༎བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཞི་ཅུ་པ་དེ་བཞིན།ཟླ་འདིའི་ཚེས་ཉི་ཤུ་རྩ་བཞི་ནས་ཉི་ཤུ་བརྒྱད་བར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གལ་བོད་མིའི་གཞིས་ཆགས་སུ་ཚོགས་འཆར་ཡོད་པ་དང༌།ལྷན་ཚོགས་དེའི་ཐོག་སྔ་ལོ་བོད་ནང་གི་བོད་མིའི་ཞི་རྒོལ་ཆེན་མོའི་གནས་ཚུལ་དང་འབྲེལ་བའི་དམིགས་བསལ་གྱི་གྲོས་ཆོད་ཁག་ལ་གྲོས་བསྡུར་དང་བགྲོ་གླེང་གནང་རྒྱུ་ཡིན་པའི་སྐོར།གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ།འདི་གའི་ལས་བྱེད་པ་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཀའ་འདྲི་ཞུས་པ་ཞིག་ལ་གསན་རོགས་གནོངས༎