རྔ་པར་འཛིན་བཟུང་དང་ཉེས་རྡུང༌།

རྒྱ་གཞུང་གིས་རྔ་པ་ཁུལ་དུ་བོད་མི་དགེ་རིག་དང་དགེ་འདུན་བློ་བཟང་མཁས་གྲུབ་ཞུ་བ་གཉིས་འཛིན་བཟུང་བྱས་པ།

ཨ་མདོ་རྔ་བ་ཁུལ་དུ་རྒྱ་ནག་གིས་འཛིན་བཟུང་བྱས་པའི་དགེ་འདུན་པ་བློ་བཟང་མཁས་གྲུབ་དང་། དགེ་རིག་དང་། དགེ་རིག་གི་བཟའ་ཟླ་དོན་ཁོ་དང་། བུ་མོ་མེ་ཏོག་གི་འདྲ་པར། ཀ་ཉག་ཚེ་རིང༌།
གསར་འགྱུར་ལ་གསན་རོགས།

༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་རྣམ་གཉིས་ཀྱིས། འདི་ཚེས་ ༡༣ ཉིན་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ཨ་མདོ་རྔ་པ་ཁུལ་དུ་འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་ ༡༩ དང་ཕྱི་ཟླ་ལྔ་པའི་ཚེས་ ༦ སོ་སོར་རྒྱ་ནག་གཞུང་གིས་བོད་མི་དགེ་རིག་དང་དགེ་འདུན་པ་བློ་བཟང་མཁས་གྲུབ་ཞུ་བ་གཉིས་འཛིན་བཟུང་བྱས་ཡོད་པའི་སྐོར། ངག་དབང་ཆོས་འཕེལ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་ལ་གསན་རོགས་ཞུ༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org