སྐྱེ་རྒུ་མདོའི་དྲན་གསོའི་གློག་བརྙན།
བོད་མི་ཞིག་གིས་སྐྱེ་རྒུ་མདོའི་གོད་ཆགས་དང་འབྲེལ་བའི་གློག་བརྙན་ཞིག་འགྲེམས་སྤེལ་བྱས་ཀྱང་རྒྱ་ནག་གིས་བཀག་འགོག་བྱས་པ།
-
2011-03-18 -
-
-
རྒྱ་ནག་ཉམ་ཉེས་ནང་གི་རེ་བ་ཞེས་པའི་གློག་བརྙན་དེའི་འོད་སྡེར་གྱི་འདྲ་པར།
འོད་ཟེར།
Your browser doesn’t support HTML5 audio
གསར་འགྱུར་ལ་གསན་རོགས། |
༄༅༎བོད་ཀྱི་ཁམས་སྐྱེ་རྒུ་མདོའི་ཁུལ་དུ་ས་ཡོམ་གྱི་གོད་ཆགས་བྱུང་སྟེ་ལོ་ངོ་གཅིག་ལ་ཉེ་བའི་སྐབས་དེར། ཡུལ་ཤུལ་ཁུལ་གྱི་བོད་མི་ཞིག་གིས་དྲན་གསོའི་དངོས་བཤུས་གློག་བརྙན་ ཉམ་ཉེས་ནང་གི་རེ་བ་ ཞེས་པ་ཞིག་བཟོ་བསྐྲུན་གནང་སྟེ། ཉེ་ཆར་བོད་ཀྱི་ས་ཁུལ་ཁག་ཏུ་འགྲེམས་སྤེལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་ཚན་པས་བཀག་འགོག་དང་འོད་སྡེར་མང་པོ་ཞིག་གཞུང་བཞེས་བཏང་ཡོད་པའི་སྐོར། སྒྲོལ་དཀར་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པ་ཞིག་ལ་གསན་རོགས་ཞུ༎