༸གོང་ས་མཆོག་ལེནྜ་རུ་ཕེབས།
2009.07.28

ཨེ་ཨེཕ་པི།
༄༅༎ཕྱི་ཟླ་བདུན་པའི་ཚེས་ཉེར་བདུན་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་ཀྱི་ཡུལ་གྲུ་པོ་ལེནྜ་ཡི་རྒྱལ་ས་ཝར་སོ་རུ་ཞབས་སོར་འཁོད་ནས་གྲོང་ཁྱེར་སྤྱི་ཁྱབ་ནས་༸གོང་ས་མཆོག་ལ་ཆེ་བསྟོད་མི་སེར་གྱི་ཕྱག་འཁྱེར་འབུལ་གནང་མཛད་པ་དང་།ཡུལ་དེའི་ནང་བོད་ཀྱི་གསོ་བ་རིག་པའི་སྨན་ཁང་དབུ་འབྱེད་གནང་རྒྱུ་དང་མཁས་པའི་བགྲོ་གླེང་སོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱང་འཆར་ཡོད་པ་རེད༎