དོན་གྲུབ་དབང་ཆེན་ལ་ཉེས་ཆད།
2010.01.05

༄༅༎འཇིཊ་བྲལ་ཞེས་པའི་དངོས་བྱུང་གནས་ཚུལ་གྱི་གློག་བརྙན་དེ་བཟོ་བསྐྲུན་གནང་མཁན་དོན་འགྲུབ་དབང་ཆེན་ལཊ་ལ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་ལྟེ་གནས་ཆཊ་ཡུལ་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་གསང་བའི་སྒོ་ནས་ ཉེ་ཆར་སྤྱི་ཟླ་༡༢པའི་ཚེས་༢༨ཉིན་དོན་འགྲུབ་དབང་ཆེན་ལཊ་ལ་ལོ་དྲུག་རིང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཡོད་པའི་སྐོར་ཁོང་གི་གནས་ཚུལ་རྒྱུས་ཡོད་ཐར་འགྲུབ་ལཊ་ཀྱིས་བོད་ནས་ཁ་པར་རྒྱུད་འདི་ག་ཨེ་ཞིས་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་ཡོད།
ད་ལྟའི་ཆར་དོན་འགྲུབ་དབང་ཆེན་ལཊ་ཀྱི་ནང་མིར་བཙོན་འཇུག་ཁྲིམས་ཐག་བཅད་པའི་གནས་ཚུལ་སྐོར་གྱི་བརྡ་ལན་གང་ཡང་སྤྲད་མི་འདུག ཁོང་གི་ནང་མི་དང་འབྲེལ་ཡོད་མི་སྣ་ཚོས་དོན་འགྲུབ་དབང་ཆེན་ལཊ་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་མེད་པས་ ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི་དྲང་བདེན་ཞིག་མིན་པའི་བསམ་ཚུལ་བྱུང་ཡོད་སྐོར་ཐར་འགྲུབ་ལཊ་ཀྱིས་མུ་མཐུད་གསུང་ཡོད།
གཞན་ཡང་ད་ལྟ་སུའུ་ཝེ་ཟིར་ལན་ཌིར་གནས་སྡོད་བྱས་པའི་དོན་འགྲུབ་དབང་ཆེན་ལཊ་ཀྱི་སྤུན་མཆེད་འཇམ་དབྱངས་ཚུལ་ཁྲིམས་ལཊ་ཀྱིས་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་འདིས་བོད་མི་ཚོར་སྨྲ་བརྗོད་རང་དབང་ལ་སོཊ་མེད་པའི་མཚོན་རྟགས་གསལ་བོ་ཞིག་ཡིན་པ་དང་། ཁོང་ལ་ཁྲིམས་ཐག་བཅད་པའི་རྒྱུད་རིམ་ཐ་དག་དྲང་བདེན་རྩ་བ་ནས་བྱུང་མེད་པས་བློ་ཕམ་ཆེན་པོ་བྱུང་ཡོད་ལ། དོན་འགྲུབ་དབང་ཆེན་ཛ་དྲག་རང་བཞིན་ཅན་གྱི་མཆིན་ནད་(མཆིན་ཚད་)བྱུང་ཡོད་ཀྱང་ད་བར་སྨན་བཅོས་སོཊ་ཀྱི་མཐུན་རྐྱེན་སྤྲད་མེད་སྟབས་ཚེ་སྲོག་གི་ཉེན་ཁ་འཕྲད་སྲིད་པའི་སེམས་ཁྲལ་ཡོད་པའི་སྐོར་ཡང་གསུང་ཡོད།
གཞན་ཡང་དོན་འགྲུབ་དབང་ཆེན་གྱིས་གོང་རིམ་ཁྲིམས་ཁང་དུ་ཞུ་གཏུག་བྱ་འཆར་ཡོད་སྐོར་ཐར་འགྲུབ་ལཊ་ཀྱིས་ངོ་སྤྲོད་གནང་ཡོད།
དོན་འགྲུབ་དབང་ཆེན་ལཊ་ཀྱིས་འཇིཊ་བྲལ་ཞེས་པའི་གློག་བརྙན་དེ་བཟོས་པའི་རྐྱེན་གྱིས་༢༠༠༨ལོའི་སྤྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུར་ངན་སྐུལ་བྱས་ཚུལ་གྱི་ནག་ཉེས་བཙུཊ་ཡོད་འདུག
དོན་འགྲུབ་དབང་ཆེན་གྱི་བཟའ་ཟླ་དང་བུ་ཕྲུག་བཞི་བོ་ད་ལྟ་རྒྱ་གར་རྡ་རམ་ས་ལར་གནས་སྡོད་བྱས་ཡོད་པ་རེད། རྡོ་རྗེ་མཚོས་གནས་ཚུལ་ཕྱོགས་བསྒྲིགས་ཞུས༎