འདམ་གཞུང་ཁུལ་དུ་ས་འགུལ།

ཨ་མེ་རི་ཀའི་ས་འགུལ་རྟོག་ཞིབ་ཚན་རིག་པས་སྔོན་དཔག་ལྟར་ས་གནས་དེའི་ཁུལ་དུ་འགུལ་ཕར་མ་བརྒྱབ་ཡོད་པའི་གནས་ཚུལ་ཐོན་བཞིན་པ།

ཨ་མེ་རི་ཀའི་ས་འགུལ་རྟོག་ཞིབ་ཚན་རིག་པས་ས་གནས་དེའི་ཁུལ་དུ་འགུལ་ཕར་མ་བརྒྱབ་པ། ཨེ་ཨེཕ་པི།

གསར་འགྱུར་ལ་གསན།

༄༅༎ཕྱི་ཟླ་བཅུ་པའི་ཚེས་དྲུག་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ཕྱོགས་མེ་ལི་བརྒྱད་བཅུ་ཙམ་གྱི་འདམ་གཞུང་ས་ཁུལ་དུ་ས་འགུལ་ཤུགས་ཚད་དྲུག་དང་གྲངས་ཆུང་གསུམ་ཙམ་ཞིག་བརྒྱབ་ཡོད་པ་དང་ཨ་མེ་རི་ཀའི་ས་འགུལ་རྟོག་ཞིབ་ཚན་རིག་པ་སྐུ་ཞབས་ཌོན་བ྄ལེཀ་ལགས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་ཡེ་ཤེས་ལགས་སུ་ས་ཁུལ་དེར་ས་འགུལ་ཕར་མ་རྒྱག་ཉེན་ཧ་ཅང་ཆེན་པོ་ཡོད་པའི་སྔོན་དཔག་གནང་ཡོད་པ་སོགས་ཀྱི་སྐོར་གསར་འགོད་པ་བློ་བཟང་ཡེ་ཤེས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org